西宁刚坚教育培训学校2018年中、高考强化 冲刺班招生通知

发表于 讨论求助 2023-05-18 23:00:13



ཟི་ལིང་གངས་རྒྱན་སློབ་གྲྭས ༢༠༡ལོའི་མཐོ༼ འབྲིང ༽རྒྱུགས་གསོ་སྦྱོང་འཛིན་གྲྭར་སློབ་མ་བསྡུ་བའི་བརྡ་སྦྱོར།


ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ནི༢༠༡༡ ལོའི་ཟླ ༤ ནང་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་དང་དམངས་སྲིད་ཅུའུ།  འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཆོག་མཆན་བཀོད་ནས་བཙུགས་པའི་ཚད་ལྡན་གྱི་གསོ་སྦྱོང་སློབ་གྲྭ་ཞིག་ཡིན་ལ།ད་ལྟའི་བར་རིམ་པ་མི་འདྲ་བའི་བོད་རྒྱ་དབྱིན་གསུམ་གྱི་གསོ་སྦྱོང་སློབ་མ་མང་པོ་སྐྱེད་སྲིང་བྱས་པར་མ་ཟད།རྒྱལ་སྤྱི་དང་ཞིང་ཆེན་རིམ་པའི་གསོ་སྦྱོང་འཛིན་གྲྭ་ཡང་གང་མང་བསྒྲུབས་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ནུས་ཤུགས་ཡོད་དགུ་འདོན་བཞིན་ཡོད།ལྷག་པར༢༠༡༣ ལོ་ནས་འགོ་བརྩམས་པའི་བོད་ཁམས་ཀྱི་མཐོ་གསུམ་གསོ་སྦྱོང་འཛིན་གྲྭ་ཐེངས༤ ལ་བསྡུས་པར་མངོན་སུམ་གྱི་གྲུབ་འབྲས་བླ་ལྷག་ཐོབ་སྟེ་ཁྱིམ་བདག་དང་སློབ་མ་རྣམས་ཀྱིས་དགའ་བསུ་ཐོབ་པ་ཡིན་ལ། དངོས་གཞིའི་སྐར་གྲངས་ལོན་པའི་སློབ་མ་བརྒྱ་ཆའི་བརྒྱད་ཅུ་ལ་སླེབས་ཤིང་།སློབ་མ་མང་ཆེ་བ་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན།ལྷོ་ནུབ་མི་རིགས་སློབ་ཆེན།མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་སུ་འགྲོ་ཐུབ་པ་བྱུང་།


         དེ་བས་ངེད་སློབ་གྲྭས་ཉེ་ལམ་ཡང ༢༠༡ལོའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སློབ་འབྲིང་ཁག་གི་མཐོ་གསུམ་དང་དམའ་གསུམ་གྱི་རྒྱུགས་གཞི་ལ་ཁ་ཕྱོགས་ཏེ།མུ་མཐུད་དུ་ཕྱོགས་བསྡུས་རང་བཞིན་དང་ཆེད་དམིགས་རང་བཞིན་ཅན་གྱི་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབ་གྱིནཡོད།དེ་ཡང་བསླབ་དེབ་ཀྱི་གཙོ་གནད་ཁག་དང་ལོ་སྔོན་མ་དག་གི་རྒྱུགས་ཤོག་སོགས་བསྐྱར་སྦྱོང་མཐར་ཕྱིན་པ་ཞིག་བྱས་ཏེ།སློབ་མས་བསྐྱར་སྦྱོང་གི་གཙོ་གནད་གང་འཛིན་དགོས་པ་དང་རྒྱུགས་ལེན་དུས་ཕྱོགས་གང་དག་ལ་མཉམ་འཇོག་བྱེད་དགོས་པ་སོགས་ཀྱི་ཐད་ལ།སློབ་གྲྭ་ཆེན་མོའི་འབྲེལ་ཡོད་དགེ་རྒན་དང་ཕུལ་བྱུང་དགེ་རྒན་ཉམས་མྱོང་ཅན་སྐོར་ཞིག་གདན་དྲངས་ནས་སློབ་ཁྲིད་བྱ་རྒྱུ་ཡིན།གསོ་སྦྱོང་གི་དུས་ཚོད་ནི༢༠༡ལོའི་ཟླ༡ ཚེས ༡༠ ཉིན་ནས༢༠༡ལོའི་ཟླ ༢ ཚེས ༡༢ བར་གྱི་ཉིནཡིན་ལ། ཁྱོན་བསྡོམས་པས་ཟླ་གཅིག་གི་རིང་ལ་སློབ་ཡོན་སྒོར ༣༡༥༠ ཡིན། ༼ ཉིན་རེར་སློབ་ཐུན༧ དང་སློབ་ཐུན་རེར་སྒོར ༡༥ ཡིན ༽ དེ་ཡང་མཐོ་རྒྱུགས་རིག་ཚན་འཛིན་གྲྭ་དང་རྩིས་ཚན་འཛིན་གྲྭ།དམའ་གསུམ་འཛིན་གྲྭ་བཅས་ཁག་གསུམ་དུ་བཀར་ནས་འཛིན་གྲྭ་རེར་སློབ་མ༣༠ ལས་བསྡུ་རྒྱུ་མིན་པས། མོས་པ་ཡོད་པའི་སློབ་གྲོགས་ཀུན་གྱིས་དུས་ལྟར་མིང་ཐོ་དགོད་རྒྱུ་གལ།  མིང་ཐོ་དགོད་པའི་དུས་ཡུན། ༢༠༡ལོའི་ཟླ ༡ ཚེསཉིན་ནས ༢༠༡ལོའི་ཟླ ༡ ཚེསཉིན་བར།

འབྲེལ་གཏུག་ཁ་པར། 0971-8218185  18997126883            

 འབྲེལ་གཏུག་དགེ་རྒན། སྒྲོལ་མ།

སློབ་གྲྭའི་གནས་ཡུལ།  ཟི་ལིང་ནན་ཀོན་སྲང་ལམ་ཨང་༧༤བ།༼ཞི་མིན་ཁོའུ་ཧྲོའེ་ཅིན་ཤང་གི་ལྟག་སྒོའི་པའོ་ཀོང་གསེར་ཁང་གི་བདུན་ཐོག

西宁刚坚教育培训学校成立于20114月,本校为西宁市教育局、、发改委批准成立的一所正规的教育培训学校。学校以藏、汉、英三种语言文字培训为主,至今已培养过许多人才。目前已主办国际性和省级的多项培训项目,为继承与发展藏语言文化方面做过突出的贡献。尤其是2013年至今连续四次举办的藏区高考强化冲刺班的成果尤为突出,参加补习班的学生本科升学率达到80%,大部分学生被中央民族大学和西北民族大学、西南民族大学、青海民族大学、青海师范大学等录取。

目前,为进一步提高青海藏区初、高级学生升学率,我校特邀青海师范大学等高校出题改卷方面经验丰富的教授,根据青海藏区目前还没有专职中、高考重点培训机构的实际,重点针对考生因复习方向不明确、做题经验不足、考试答卷偏题等原因导致成绩不理想的问题,在寒假期间(2018110日至2018212日,共30天时间)举办中、高考复习技巧和答卷方法为主的强化冲刺班。此培训共开设高考文科班、理科班、中考班三个班级,每班只招30名学员。培训为期一个月,学费3150元(15元/课时/学生)。有意者青按时前来报名,谢谢!


报名时间:201811日至201819

联系电话:0971-8218185   18997126883

联系人:卓玛

学校地址:西宁市城中区南关街74号凯达商务楼7楼(西门口水井巷后门宝光金店7楼)

   

西宁刚坚教育培训学校

20171221

                       


往届中、高考冲刺班的照片


发表
26906人 签到看排名